2015-12-17

1
ཕྱི་ལོ་༢༠༡༥ ལོའི་ཟླ་ ༡༢ ཚེས་ ༡༦ རེས་གཟའ་ལྷག་པ་སྟེ་གཟའ་སྐར་འཕྲོད་སྦྱོར་ལེགས་ཤིང་འཕགས་མཆོག་གངས་རི་མགོན་པོའི་ལྷ་དཀར་ཉིན་དང་སྟབས་བསྟུན་ཏེ་སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་གཙོས་ཁང་ཚན་གྱི་མཁན་བླ་འདུས་མང་ཡོངས་ནས་སེར་བྱེས་ལྭ་བ་ཁང་ཚན་གྱི་འདུ་ཁང་གསར་བཞེས་དབུ་འཛུགས་སྐབས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་རྒྱུད་སྟོད་མཁན་ཟུར་ལྭ་བ་མཆོག་སྤྲུལ་བྱམས་པ་ཆོས་བཟང་རིན་པོ་ཆེ་སོགས་ཀྱིས་ས་གཞིར་རབ་གནས་གནང་བ་སོགས་དབུ་འབྱེད་ལེགས་པར་གནང་སོང་།












1 comment:

  1. ཡག་པོ་ཞེ་དྲག་བྱུང་ཤག་་་རྗེས་སུ་ཡི་རངས་ཡོད།

    གོང་དུ་་་་་འདུ་ཁང་གསར་པ་དབུ་འབྱེད་་་་ཅེས་བྲིས་འདུག་པས་གོ་རྒྱུ་ལོགས་ཁ་ཞིག་གོ་འགྲོ་བའི་ཉེན་ཁ་འདུག་སྙམ།

    ReplyDelete